༈ །།དཔལ་འཁོར་ལོ་བདེ་མཆོག་ དྲིལ་བུ་ལུགས་ཀྱི་ལུས་དཀྱིལ་གྱི་དབང་གི་བརྒྱུད་འདེབས་ནི། གྲགས་པ་རྒྱལ་མཚན་ས་སྐྱ་པཎྜི་ཏར། །གསོལ་བ་་ཞེས་པ་ཡན་ཆད་ལྷ་ལྔ་བཞིན་ལ། དེ་ནས། ཆོས་རྒྱལ་འཕགས་པ་ཞང་སྟོན་དཀོན་མཆོག་དཔལ། །ན་བཟའ་པ་དང་བསོད་ ནམས་རྒྱལ་མཚན་ཞབས། །རྒྱལ་བ་གཉིས་པ་མཁས་གྲུབ་ཐམས་ཅད་མཁྱེན། །གསོལ་བ་་བ་སོ་ཆོས་རྒྱན་གྲུབ་མཆོག་ཆོས་རྡོ་རྗེ། །བློ་བཟང་དོན་གྲུབ་སངས་རྒྱས་ཡེ་ཤེས་ཞབས། །བློ་བཟང་ཆོས་རྒྱན་དཀོན་མཆོག་རྒྱལ་མཚན་ ལ༑ ༑གསོལ་བ་།ངག་དབང་བསྟན་འཛིན་བློ་བཟང་མཁས་བཙུན་དང། །ངག་དབང་བྱམས་པ་ཡེ་ཤེས་རྒྱལ་མཚན་ཞབས། །འཁོར་ལོའི་མགོན་པོ་བློ་བཟང་བསྟན་འཛིན་ལ། །གསོལ་བ་་རྣལ་འབྱོར་གསང་མཐའ་ཞེས་སོགས་རྒྱལ་མཆོག་ བསྐལ་བཟང་རྒྱ་མཚོའི་གཞུང་ལྟར་བྱའོ། །ཞེས་པ་འདི་ཡང་དགེ་སློང་དྷ་རྨ་བྷ་དྲས་བྲིས།།